གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་17ཉིན། 14:08】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
གསར་འགོད་པས་ཀྲུང་གོ་ཚན་རིག་ཁང་ཧྭ་ནན་རྩི་ཤིང་ལྡུམ་རའི་རྩི་ཤིང་རིགས་དབྱེ་དང་སྣ་མང་རང་བཞིན་ཞིབ་འཇུག་ཚོགས་པ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཚོགས་པ་དེས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4000ཡོད་པའི་འཕྲེད་རྒྱུག་རི་རྒྱུད་དང་མཚོ་བོད་ས་མཐོའི་འབྲེལ་མཚམས་ནས་ལུག་མིག་ཚན་གྱི་རྩི་ཤིང་རིགས་གསར་པ་ཞིག་རྙེད་པ་དང་། དེའི་ཐོན་ཡུལ་ནི་སྡེ་དགེ་རྫོང་ཡིན་པར་གཞིགས་ནས་མིང་ལ་“སྡེ་དགེའི་གངས་ལྷ་མེ་ཏོག་”ཅེས་མིང་བཏགས་ཡོད་པ་རེད། རིགས་གསར་པ་དེའི་ཞིབ་བརྗོད་དང་མིང་བཏགས་པའི་འབྲེལ་ཡོད་རྩོམ་ཡིག་པེ་ཅིང་གི་དུས་ཚོད་ཟླ་4ཚེས་15ཉིན་རྒྱལ་སྤྱིའི་རྩི་ཤིང་རིགས་དབྱེ་རིག་པའི་དུས་དེབ《རྩི་ཤིང་རིགས་དབྱེ》ཐོག་དྲ་ཐོག་ནས་སྤེལ་ཡོད།